
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༣།༣།༡ Tibet TV Daily News – March 01, 2023
Majo
تفصیل
◆ དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཡཱན་ལི་བྷ་སི་ཀེ་ (Jan Lipavský) མཆོག་དང་མཇལ་འཕྲད་གནང་བ། ◆ སྤྱི་འཐུས་ཀརྨ་དགེ་ལེགས་དང་སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་ལགས་རྣམ་གཉིས་བསུ་སྣ་མདའ་བཀྲ་ཤིས་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བ། ◆ སྦེལ་ཇམ་བོད་རིགས་ཚོགས་པས་བོད་ཀྱི་ལོ་གསར་སྲུང་བརྩི་གཟབ་རྒྱས་ཞུས་པ། ◆ ཟླ་བ་བཟང་མོ་ལགས་ཀྱིས་ཨོ་སི་ཀྲི་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པའི་ལས་འཁུར་འགོ་འཛུགས་ཞུས་པ། ◆ མན་སྤར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དབང་ལྡན་བཀྲ་ཤིས་ལགས་ཀྱིས་ ཆ་ཏྟཱིས་གར་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་དང་མཇལ་འཕྲད་ཞུས་པ། ◆ཀུན་དགའ་འཇིགས་མེད་ལགས་ཀྱིས་ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་གྱི་ལས་འཁུར་འགོ་འཛུགས་ཞུས་པ།
اپ لوڈر
اقساط
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༣།༣།༡ Tibet TV Daily News – March 01, 2023
Majo