
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༡།༡༢།༢༢ Tibet TV Daily News – December 22, 2021
Majo
تفصیل
◆སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་པ་དང་བརྩེ་བས་དཀའ་ངལ་ལ་གདོང་ལེན་བྱ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གཏན་འཁེལ་བ། ◆ དཔལ་ལྡན་ཚོགས་གཙོ་མཆོག་གིས་ལྩམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་འཚམས་འདྲི་ཞུས་པ། ◆བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ཉིན་བརྒྱད་པ་ལེགས་གྲུབ་བྱུང་བ། ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༢ འཁོར་བའི་དུས་ཆེན་མཛད་སྒོར་ཨ་རིའི་སྐུ་ཚབ་དོན་གཅོད་མཉམ་ཞུགས་གནང་བ། ◆ སྦེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱི་ཐའེ་ཝན་གཞུང་ཚབ་ཆེན་མོ་Francois Chichung Wu ལགས་དང་མཇལ་འཕྲད་གནང་བ།
اپ لوڈر
اقساط
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༡།༡༢།༢༢ Tibet TV Daily News – December 22, 2021
Majo