
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༡༩།༠༩།༢༧ Tibet TV Daily News- Sept. 27, 2021
Majo
Description
◆དཔལ་ལྡན་བཀའ་ཤག་ནས་རྒྱ་གར་གྲོས་ཚོགས་འོག་མའི་ཚོད་དཔག་ཚོགས་ཆུང་གི་སྐུ་ཚབ་རྣམས་ལ་ཕེབས་བསུ་ཞུས་པ། ◆བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་བདུན་ཅུ་ཟེར་བ་དང་༧གོང་ས་མཆོག་ནས་གསོལ་རས་གནང་བའི་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་སྟེང་གསུང་བཤད་གནང་བ། ◆བོད་ནང་ལོ་མང་རིང་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་དེ་དག་གི་གྲུབ་འབྲས་ཆ་ཚང་རྒྱ་ནག་གཞུང་རང་གི་འཁྱེར་དགོས་པའི་སྐུལ་མ་གནང་དགོས་ཞེས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་འབོད་སྐུལ་ཞུས་པ། ◆Kazakhstan བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་གྱིས་རུ་སོག་སྐུ་ཚབ་དོན་གཅོད་མཆོག་དང་ཐུག་འཕྲད་གནང་བ། ◆སྦར་སིལ་སྐུ་ཚབ་དོན་གཅོད་མཆོག་གིས་ཨ་རིའི་གཞུང་ཚབ་གཞོན་པ་མཆོག་དང་ཐུགས་འཕྲད་གནང་བ། ◆སུད་སིའི་དང་ལིག་ཊེན་ཚིན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་བོད་ཀྱི་སྐད་ཡིག་དང་རིག་སློབ་གྲྭའི་ཚོགས་འདུ་ཐེངས་གཉིས་པ་སྐོང་ཚོགས་གནང་བ།
Uploader
Episodes
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༡༩།༠༩།༢༧ Tibet TV Daily News- Sept. 27, 2021
Majo