བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༡།༡༡།༢༥ Tibet TV Daily News – November 25, 2021
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༡།༡༡།༢༥ Tibet TV Daily News – November 25, 2021

བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༡།༡༡།༢༥ Tibet TV Daily News – November 25, 2021

Majo

14 min
News
تشغيل

الوصف

◆བུད་མེད་དང་ཕྲུ་གུ་བུ་མོ་ཚོའི་ཐད་དྲག་སྤྱོད་མེད་པ་བཟོ་རྒྱུའི་རྒྱལ་སྤྱིའི་ཉིན་མོ་སྲུང་བརྩི་དང་འབྲེལ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་ངོས་ནས་དཀའ་ངལ་འདི་བཞིན་སྤྱི་ཚོགས་ཀྱི་དཀའ་ངལ་གཙོ་བོ་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུང་བ། ◆ ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོས་ཕྱི་དྲིལ་བཀའ་བློན་མཆོག་ལ་དགའ་བསུའི་འཚམས་འདྲི་གནང་བ། ◆རྒྱ་ནག་དམར་ཤོག་ཚོགས་པས་ཨི་ཊ་ལིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་རྒྱ་ནག་དམར་ཤོག་ཚོགས་པའི་ལངས་ཕྱོགས་ལྟར་འགྲེལ་བརྗོད་བྱ་རྒྱུའི་ཐད་གྲོས་ཚོགས་འཐུས་མི་ཁག་གཅིག་བེད་སྤྱོད་བྱེད་ཀྱི་ཡོད་པ་ར་འཕྲོད་བྱུང་བ།
◆ བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་ཧྥ་རན་སི་ཁུལ་དུ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ལེགས་པར་གྲུབ་པ། ◆ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ལི་ཐུ་ཝེ་ནི་ཡའི་གཞུང་ལ་པེ་ཅིང་ཨོ་རྩེད་འགྲན་ཚོགས་སུ་མཉམ་ཞུགས་མི་གནང་བའི་ཞུ་ཡིག་ཕུལ་བ། ◆རྩ་མཆོག་གྲོང་གི་བུ་དྡྷ་མཐོ་སློབ་ནས་བོད་ཀྱི་ཉིན་མོ་ཞེས་པའི་དུས་སྟོན་གོ་སྒྲིག་གནང་བ།

رافع المحتوى

TomTraveler

TomTraveler

བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༡།༡༡།༢༥ Tibet TV Daily News – November 25, 2021 - Listen Free | WowFM